by Dorji et al.
Apple Orchard in Baytsho, Haa, Bhutan (2690m a.s.l). |
Apples are a globally important fruit crop and one that relies on insects to ensure good yields and high-quality fruits. This is no different in Bhutan, where apples are an economically important crop. Farmers grow apples in the mountains of this Eastern Himalayan country at elevations from 1000m up to 3000m. Insects are known to improve the value, quality and yield of apple orchards. However, very little is known about which insects are responsible for pollinating apples in Bhutan. We wanted to provide a first look at the diversity of insects found in Bhutan apple orchards and see if this diversity has any connection to the quality of fruits the farmer produces. We visited 9 orchards in the west of Bhutan. Firstly, during the flowering period, we recorded all the flying insects found around the orchard and visiting the apple flowers. We visited each orchard for three days, recording passively with traps and actively with nets to ensure that we would have a thorough sample of the insect community. We visited all the orchards later in the year to collect apples to measure quality based on weight, size, shape, sugar content and the number of seeds of each apple.
༉ ཨེ་པཱལ་འདི་རྒྱལ་སྤྱི་ལུ་ ཁག་ཆེ་དྲགས་ཀྱི་ཤིང་འབྲས་ཅི་ཨིནམ་དང་ རྡོ་མའི་སྤུས་ཚད་དང་ཐོན་འབྲས་ལེགས་ཤོམ་འཐོན་ནིའི་དོན་ལུ་ འབུཔ་ཆགས་ཚུ་ལུ་བརྟེན་དོ་ཡོདཔ་ཨིན། ཨེ་པཱལ་འདི་འབྲུག་རྒྱལ་ཁབ་ལུ་ཡང་ ཁེ་འབབ་ཅན་གྱི་ཤིང་འབྲས་ཅིག་ཨིན། སོ་ནམ་པ་ཚུ་གིས་ ཨེ་པཱལ་འདི་མཐོ་ཚད་ ༡༠༠༠ ལས་ ༣༠༠༠ མི་ཏྲར་གྱི་ཧི་མ་ལ་ཡའི་རྒྱགས་ཚད་ཚུ་ལས་ཕར་ བཙུགས་དོ་ཡོདཔ་ཨིན། འབུཔ་ཆགས་ཚུ་གིས་ ཨེ་པཱལ་གྱི་གནས་གོང་ རྡོ་མའི་སྤུས་ཚད་དང་ཐོན་འབྲས་ཚུ་ཡར་དྲག་གཏངམ་ཨིན་རུང་ འབྲུག་རྒྱལ་ཁབ་ནང་ལུ་འདི་ འབུཔ་རིགས་ག་ཅི་བཟུམ་གྱིས་གྲོགས་རམ་འབདཝ་ཨིན་ན་ ལེགས་ཤོམ་སྦེ་ཧ་མ་གོ་བར་ཡོདཔ་ཨིན། ཨེ་པཱལ་ལྡུམ་ར་ནང་འབུཔ་རིགས་ག་ཅི་བཟུམ་ར་ཡོདཔ་ཨིན་ན་དང་ འབུཔ་རིགས་སྣ་ཚོགས་ཀྱིས་ཨེ་པཱལ་གྱི་སྤུས་ཚད་དང་འབྲེལ་བ་ཡོདཔ་མེདཔ་ རྒྱལ་ཁབ་ནང་འགོ་དང་པ་ཞིབ་འཚོལ་འབད་ནིའི་དོན་ལུ་ ང་བཅས་ཀྱིས་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཁ་ཐུག་གི་ཨེ་པཱལ་ལྡུམ་ར་ ༩ ནང་སོང་ཡོདཔ་ཨིན། དང་པ་རང་མེ་ཏོག་ཤར་བའི་དུས་ཚོད་ནང་ ཨེ་པཱལ་ལྡུམ་ར་རེ་རེ་ནང་ལུ་ཉིནམ་གསུམ་གི་རིང་ ཨེ་པཱལ་ལྡུམ་ར་འདི་ནང་ལུ་འོང་མི་དང་ཨེ་པཱལ་མེ་ཏོག་གུ་ཆགས་མི་ འབུཔ་རིགས་ག་ར་ཧིང་དང་ངེས་ཏིག་གི་ཐོ་ལས་བཟུང་ཡོདཔ་ཨིན། ཤུལ་མམ་ལོ་ཐོག་བསྡུ་ནིའི་དུས་ཚོད་ལུ་འདི་ འ་ནི་ཨེ་པཱལ་ལྡུམ་ར་ ༩ ལས་ལྗིད་ཚད་ སྦོམ་ཆུང་ བཟོ་རྣམ་ མངར་ཆ་དང་སོན་གྱངས་ཁ་འཇལ་ནིའི་དོན་ལུ་ ཨེ་པཱལ་ཡོངས་བསྡོམས་ ༤༩༥ ཡང་བསྡུ་ཡོདཔ་ཨིན།
ང་བཅས་ཀྱིས་ཨེ་པཱལ་ལྡུམ་ར་ ༩ ནང་ལས་འབུཔ་རིགས་ ༤༤ ལས་འབུཔ་སྣ་ཚོགས་ ༡༠༠༦ བཟུང་ཡོདཔ་ཨིན། ཨེ་པཱལ་ལྡུམ་ར་ག་རའི་ནང་ལུ་ཁྱབ་ཆེ་བ་སྦེ་ཡོད་མི་འདི་ སེར་སྦྱང་གི་རིགས་གསུམ་འདི་ཨིན་མས། ལྡུམ་ར་ལ་ལུ་ནང་ལུ་སོ་ནམ་པ་ཚུ་གིས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ལས་ནང་འདྲེན་འབད་མི་སེར་སྦྱང་གི་རིགས་ (A. mellifera) དང་རྒྱལ་ཁབ་འདི་ནང་གི་ཨིན་པའི་སེར་སྦྱང་གི་རིགས་ (A. cerana) གཉིས་ཀྱི་སྦྱང་ཚང་ཡང་བཞག་ནུག། སེར་སྦྱང་སྦོམ་གྱི་རིགས་ (A. dorsata) ཡང་ཨེ་པཱལ་མེ་ཏོག་གུ་ཆགས་སར་མཐོང་ཡོདཔ་ཨིན། འ་ནི་སེར་སྦྱང་གི་རིགས་གསུམ་གྱི་མ་ཚེད་པར་ གཞན་གསེར་སྦྱང་གི་རིགས་ (Andrena) དང་ (Ceratina) ཡང་དག་པ་ཅིག་མཐོང་ཡོདཔ་ཨིན། སེར་སྦྱང་བཟུམ་མཐོང་མི་འབུཔ་གི་རིགས་གཞན་ (Eristalis cerealis) དང་ (E. tenax) ཡང་ཨེ་པཱལ་ལྡུམ་ར་འདི་ནང་མཐོང་ཡོདཔ་ཨིན། ང་བཅས་ཀྱི་ཞིབ་འཚོལ་དང་འཁྲིལ་བ་ཅིན་ འབུཔ་རིགས་ཀྱི་འབོལ་དྲགས་འདི་གིས་ཨེ་པཱལ་གྱི་སྤུས་ཚད་ཡར་དྲག་གཏང་དོ་ཡོདཔ་སྦེ་མཐོང་ཡི། འབུཔ་རིགས་སྣ་ཚོགས་ཀྱིས་ཨེ་པཱལ་གྱི་སྤུས་ཚད་ལུ་་འབྲེལ་བ་ག་ནི་རང་མེདཔ་འབད་མཐོང་ཡི། འབྲུག་རྒྱལ་ཁབ་འདི་ནང་ འབུཔ་རིགས་སྣ་ཚོགས་ཀྱིས་ཨེ་པཱལ་གྱི་སྤུས་ཚད་ལུ་ཕན་པ་ཡོདཔ་མེདཔ་གུ་ ད་རུ་ཞིབ་འཚོལ་འབད་དགོཔ་ལེ་ཤ་ཡོད་རུང་ ང་བཅས་ཀྱི་ཞིབ་འཚོལ་འདི་གི་འབྲུག་རྒྱལ་གཞུང་གིས་ཨེ་པཱལ་ཐོན་སྐྱེད་ཀྱི་འཆར་གཞི་བརྩམ་ནི་ནང་ལུ་ བརྡ་དོན་གྱི་ཕན་ཐོགས་ཚུགས། སོ་ནམ་པ་ཚུ་ལུ་སྦྱོང་བརྡར་བྱིན་ནི་དང་ རྒྱལ་ཡོངས་ཀྱི་ཨེ་པཱལ་ཚད་གཞི་ཡར་དྲག་བཟོ་བ་ཅིན་ འབྲུག་རྒྱལ་ཁབ་ནང་སྤུས་ཚད་དང་ལྡོནམ་སྦེ་ཐོན་སྐྱེད་བཟོ་ཚུགས་ནི་ཨིནམ་དང་ ཨེ་པཱལ་ལས་བརྟེན་ཏེ་འོང་འབབ་ཡང་ལེགས་ཤོམ་འབད་བཟོ་ཚུགས་ནི་ཨིནམ།།